གཞན་ཕན་ལས་གཞི་འདི་ནི་བོད་ཀྱི་གཞན་ཕན་ཚོགས་པའི་གཉེར་བའི་དབུལ་སྐྱོབ་ལས་གཞི་ཞིག་ཡིན།
༼ཀ༽ ཅི་འདྲ་ཞིག་ལ་བོད་ཀྱི་གཞན་ཕན་ཚོགས་པ་ཟེར།
འདི་ནི་ཆོས་དང་ཆབ་སྲིད། རང་ཉིད་སྒེར་གྱི་མཚན་སྙན་དང་། དཔལ་འབྱོར་མཁོ་སྒྲུབ་བྱེད་པ་བཅས་གང་ལ་ཡང་མ་གཏོགས་པའི་ཁམས་སོགས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ས་ཁུལ་སྐྱོ་བོ་ཁག་ཏུ་མ་དངུལ་གྱི་ཐེབས་རྩ་འཚོལ་སྒྲུབ་བྱེད་དེ་རང་ནུས་ཅི་ལྕོགས་ཀྱིས་མཐུན་འབྱོར་རོགས་རམ་བྱེད་མཁན་གྱི་གཞན་ཕན་ལས་གཞི་གཉེར་མཁན་ཞིག་གོ།།
༼ཁ༽ བོད་ཀྱི་གཞན་ཕན་ཚོགས་པའི་དམིགས་ཡུལ་ཅི་ཞིག་ཡིན།
བོད་ཀྱི་གཞན་ཕན་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་ཆེས་གལ་འགངས་ཆེ་བའི་གཞི་རིམ་གྱི་གཙོ་གནད་གསུམ་སྟེ།
འཕྲོད་བསྟེན་དང་། ཤེས་ཡོན། ལས་ཀའམ་ལས་གནས་བཅས་ཡར་རྒྱས་ཀྱི་ལམ་འཕྲང་གོང་འཕེལ་གཏོང་བའི་ཐབས་ཕྱོགས་དང་དམིགས་ཡུལ་བཅས་ལྡན་ཡོད།
༡༽ འཕྲོད་བསྟེན།
གཞི་རིམ་གྱི་ཞིང་འབྲོག་པའི་འཕྲོད་བསྟེན་ཞབས་ཞུ་དང་མི་མང་གི་འཕྲོད་བསྟེན་ཤེས་བྱ་ཡར་རྒྱས་གོང་འཕེལ་གཏོང་བ། འདིའི་ནང་དུ་སྨན་ཁང་སོགས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་ཤིན་ཏུ་ཞེན་པའི་བོད་ཀྱི་ས་གནས་ཁག་ཏུ་སྒོ་བསྟེན་སྨན་ཁང་སོགས་གསར་འཛུགས་དང་། མི་མང་གི་འཕྲོད་བསྟེན་ཤེས་བྱ་ཡར་རྒྱས་གོང་འཕེལ་གཏོང་བ་དང་། ད་ལྟའི་འཕྲོད་བསྟེན་གྱི་གནས་ཚད་གོང་མཐོར་གཏོང་བ་བཅས་ཚུད་ཡོད། སྒོ་བསྟེན་སྨན་ཁང་དེ་དག་གིས་ས་གནས་མི་མང་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་ལམ་ཕྱོགས་སྲ་བརྟན་ཡོང་བ་དང་མ་དངུལ་གྱི་ཐེབས་རྩ་གོང་འཕེལ་གཏོང་བ་སོགས་ཀྱི་ཆེད་བོད་ཀྱི་རྩ་ཆེའི་སྨན་རྩྭ་ཕྱིར་བཙོང་བྱེད་པ་སོགས་ཀྱི་ལས་འཆར་དང་སྒོ་བསྟེན་སྨན་ཁང་ཁག་གི་ཐབས་ཚུལ་དང་སྲིད་ཇུང་གོང་འཕེལ་གཏོང་བ་བཅས་སོ།།
༢༽ ཤེས་ཡོན།
ཤེས་ཡོན་ནི་ཀུན་གྱི་མ་རྩ་ཡིན་པས་ས་གནས་ཞིང་འབྲོག་ཁག་ཏུ་སློབ་གྲྭ་གསར་པ་སྒོ་འབྱེད་དང་དེ་མིན་ས་གནས་སྐྱོ་བོ་ཁག་གི་སློབ་གྲྭར་རོགས་རམ་བྱེད་པ། འགྲིམ་འགྲུལ་སྟབས་མི་བདེ་བའི་ཞིང་འབྲོག་པའི་ས་ཁུལ་སྐྱོ་བོ་ཁག་གི་བྱིས་པ་ཚོར་དེབ་ཆས་དང་སློབ་ཡོན་སོགས་ཀྱི་མཐུན་རྐྱེན་བསྐྲུན་པ་བཅས་སོ།།
༣༽ ལས་ཀའམ་ལས་གནས།
འཚོ་བའི་ཐོན་ཁུངས་མི་ལེགས་པའི་མི་རྣམས་སུ་ལས་ཀའམ་ལས་གནས་ཀྱི་རྨང་གཞི་བརྟན་པོར་རྒྱུན་འཛིན་ཐུབ་པའི་ཁ་ཕྱོགས་གསར་གཏོད་དང་གོང་འཕེལ། རོགས་ཟླ་བྱེད་པ་དང་ཁོང་ཚོའི་ཐོན་རྫས་རྣམས་དྲྭ་ཐོག་ཏུ་ཚོང་གཉེར་བྱེད་ཕྱོགས་སྐོར་གྱི་ཤེས་ཡོན་གྱི་སློབ་བསྟོན་དང་། གཞོག་འདེགས་བྱེད་པ་བཅས་ལ་ལས་ཀའམ་ལས་གནས་ཞེས་ཟེར།
གནས་ཚུར་ཆ་ཚང་གཟིགས་འདོད་ན་འདིར་ཕེབས། www.tibetaltruism.org
ཡང་ཐད་ཀར་འབྲེལ་བ་གནང་ཡུལ། info@tibetaltruism.org
thupten@tibetaltruism.org